夜雨聆风学习资料网

ARTICLE · 984387

རང་ཉིད་ཀྱི་ཁ་པར་ལ་APPའདི་དག་ཡོད་མིན་འཕྲལ་མར་བརྟག་དཔྱད་གྱིས།

རང་ཉིད་ཀྱི་ཁ་པར་ལ་APPའདི་དག་ཡོད་མིན་འཕྲལ་མར་བརྟག་དཔྱད་གྱིས།

རང་ཉིད་ཀྱི་ལག་ཐོག་ཁ་པར་ལ་འཕྲལ་མར་བརྟག་དཔྱད་གྱིས། APP མང་པོ་ཞིག་བརྡ་ཁྱབ་བཏང་བ།

གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་Appདང་SDK (ཕྱོགས་གསུམ་པའི་མཉེན་ཆས་གསར་སྤེལ་ལག་ཆའི་ཁུག་མ་)བཅས་ཀྱིས་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་དང་སྒྲིག་འགལ་ཚུལ་དུ་བསྡུ་ལེན་དང་སྤྱོད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་བཞིན་ཡོད། ཉེ་ཆར། ཕྱོགས་གསུམ་པའི་བརྟག་དཔྱད་ལས་ཁུངས་རྩ་འཛུགས་བྱས་ཏེ་བརྟག་དཔྱད་བྱས་པ་བརྒྱུད། ཁྱོན་བསྡོམས་Appདང་SDKཡིས་བེད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཁག་26ཡོད་པ་རྩད་ཆོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་Appདང་SDKགཉིས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་བཅོས་སྒྲིག་བྱེད་དགོས། བཅོས་སྒྲིག་བྱེད་ཚུལ་མི་འདང་བའི་རིགས་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྲིམས་ལྟར་འབྲེལ་ཡོད་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།


གསར་འགྱུར་འོས་སྦྱོར།

མཆིན་པ་སྲུང་སྐྱོབ་བྱེད་པའི་གྲོས་འགོ་3བཏོན་པ།

ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་ཟབ་ཏུ་གཏོང་རྒྱུ་ཡིན་པ།

ནའོ་རུའུ་རྒྱལ་ཁབ་ཀྱི་མིང་བསྒྱུར་བ།

བྱིས་པ་ཁེར་རྐྱང་དུ་མེ་འཁོར་ནང་བསྐྱོད་ཆོག་གམ།

སི་ཁྲོན་དབྱི་པིན་དུ་ས་ཡོམ་རིམ་པ་4.7 བརྒྱབ།

相关学习资料