ཁྱེད་རང་གི་ཁ་པར་ནངAPPའདི་དག་ཡོད་ན་ད་ལྟ་རང་སུབས་དང་། ཉེན་ཁ་འདུག


赶紧卸载!这72款App违法违规

རྒྱལ་ཁབ་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་བརྡ་ཁྱབ་ལྟེ་གནས་ཀྱི་གནས་ཚུལ་གསར་ཤོས་ལྟར་ན།《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་》དང་སྤྱི་ལོ་2025ལོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་བྱ་ཆེད། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཉེ་ཆར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་མཁན་གྱི་སྒུལ་བདེའི་ཉེར་སྤྱོད་(APP)72ཡོད་པ་ཤེས་རྟོགས་བྱུང་ཡོད།
སྒྲིག་འགལ་ཚབས་ཆེན་གྱི་རིགས་གཙོ་བོ་ཁག་ལྔ།
1. མ་བཤད་ལྐོག་ལེན། དེ་ནི་སྒེའུ་ཁུང་བརྒྱུད་ནས་དྲན་སྐུལ་བྱས་མེད་པའམ་ཡང་ན། སོར་བཞག་གི་རྣམ་པའི་ཐོག་ནས་ལྐོག་ཏུ་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་། གསང་དོན་སྲིད་ཇུས་ལ་ལྟ་ཀློག་བྱེད་དཀའ་བ་བཅས་སོ། །
2. གསལ་ལ་མ་གསལ། དེ་ནི་ཆ་འཕྲིན་བསྡུ་རུབ་བྱེད་པའི་དམིགས་ཡུལ་དང་བྱེད་སྟངས། ཕྱོགས་གསུམ་པར་མཉམ་སྤྱོད་བྱེད་པའི་གནས་ཚུལ་བཅས་ཞིབ་ཕྲ་བཀོད་མེད་པ་དེའོ། །
3. བཙན་ཉོ་བཙན་ཚོང་། དེ་ནི་བཙན་ཤེད་ཀྱིས་ངོ་གདོང་ངོས་འཛིན་བྱེད་དུ་འཇུག་པ་དང་། དབང་ཆ་ཡང་ཡང་སློང་བ། དབང་ཆ་མ་སྤྲད་ན་APPབེད་སྤྱོད་གཏོང་དུ་མི་འཇུག་པ་བཅས་སོ། །
4. འཇུག་སླ་ཕྱིར་ཐོན་དཀའ་བ། དེ་ནི་ཐོ་བཀོད་སུབ་དཀའ་བ་དང་། མོས་མཐུན་ཟིན་པ་དེ་ཕྱིར་འཐེན་བྱེད་དཀའ་བ། དེ་བཞིན་ཞུ་གཏུག་ཐག་གཅོད་དལ་བ་བཅས་སོ། །
5. འགོག་སྲུང་མེད་པ། དེ་ནི་གསང་སྡོམ་གྱི་བྱེད་ཐབས་སྤྱད་མེད་པ་དང་། ཐ་ན་གསང་དོན་སྲིད་ཇུས་རྩ་བ་ནས་མེད་པ་དེའོ། །
དམིགས་བསལ་དྲན་སྐུལ།
ད་ཐེངས་གསར་དུ་བསྣན་པའི་APP72ཕུད། དུས་ཚོད་སྔོན་མའི་བརྡ་ཁྱབ་ནང་གི་ APP33ལ་བསྐྱར་ཞིབ་བྱས་པ་བརྒྱུད་ད་དུང་དག་ཐེར་དོན་འཁྱོལ་ཡག་པོ་བྱུང་མེད་པས། མིག་སྔར་འབྲེལ་ཡོད་ལས་སྟེགས་ཀྱིས་སྒྲིག་འགལ་མཁྲེགས་བཟུང་བྱེད་མཁན་གྱི་ཉེར་སྤྱོད་དེ་དག་གཞི་ནས་བེད་མེད་དུ་བཏང་བའམ་ཚོང་ར་ནས་ཕྱིར་འཐེན་བྱས་ཡོད་པ་རེད།
འདིར་རྒྱ་ཆེའི་སྤྱོད་མཁན་རྣམས་ཀྱིས་ཉེར་སྤྱོད་APPཕབ་ལེན་བྱེད་སྐབས་ངེས་པར་དུ་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དགོས་པ་དང་། “སོར་བཞག་འདེམས་རྟགས་”ལ་དོགས་ཟོན་བྱེད་པ། གསང་དོན་དོན་ཚན་ཞིབ་ཏུ་ཀློག་པ། རང་ཉིད་ཀྱི་“གྲངས་འཛིན་ཐོབ་ཐང་”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
ཁག་གཉིས་པ། སྒྲིག་འགལ་APPརིགས་དབྱེའི་གསལ་ཐོ།
1. ཚད་ལྡན་གྱི་དྲན་སྐུལ་མེད་པའམ་བརྡ་ཁྱབ་ཆ་ཚང་མིན་པ། (ཁག་ 17)
སྒྲིག་འགལ་གནད་དོན། ཐོག་མར་འཁོར་སྐྱོད་བྱེད་སྐབས་སྒེའུ་ཁུང་གི་དྲན་སྐུལ་མེད་པ་དང་། སོར་བཞག་གི་འདེམས་རྟགས་རྒྱག་པ། གསང་དོན་སྲིད་ཇུས་འདྲི་རྩད་བྱེད་དཀའ་བ་སོགས།
དེ་དག་གི་གསལ་ཐོ་གཤམ་གསལ།

2. གསང་དོན་སྲིད་ཇུས་ཀྱི་ནང་དོན་མ་ཚང་བ། (ཁག་34)
སྒྲིག་འགལ་གནད་དོན། བསྡུ་རུབ་ཀྱི་དམིགས་ཡུལ་དང་བྱེད་སྟངས། ཁྱབ་ཁོངས་(ཕྱོགས་གསུམ་པའི་ཚབ་ཨང་SDKཚུད་པ་)བཅས་གསལ་པོར་བཀོད་མེད་པ།
དེ་དག་གི་གསལ་ཐོ་གཤམ་གསལ།

3. ཕྱོགས་གསུམ་པར་སྒྲིག་འགལ་ངང་ཆ་འཕྲིན་མཁོ་འདོན་བྱས་པ། (ཁག་ 17)
སྒྲིག་འགལ་གནད་དོན། སྤྱོད་མཁན་གྱི་ཆོག་མཆན་ལོགས་སུ་མ་ཞུས་པར་མི་གཞན་ལ་ཆ་འཕྲིན་མཁོ་འདོན་བྱས་པ་དང་། སྐུང་མིང་གི་རྣམ་པའི་ཐོག་ནས་ཐག་གཅོད་བྱས་མེད་པ།
དེ་དག་གི་གསལ་ཐོ་གཤམ་གསལ།

4. བཙན་ཤེད་དམ་ཡང་ཡང་དབང་ཆ་སློང་བ། (ཁག་ 5)
སྒྲིག་འགལ་གནད་དོན། མོས་མཐུན་མ་བྱས་ན་APPསྤྱོད་དུ་མི་འཇུག་པ་དང་། ཡང་ཡང་སུན་གཙེར་བཟོ་བ། དུས་ཚོད་སྔ་སྣུར་གྱིས་བསྡུ་རུབ་བྱེད་པ།
དེ་དག་གི་གསལ་ཐོ་གཤམ་གསལ།

5. དག་བཅོས་དང་། སུབ་པ། ཐོ་བཀོད་སུབ་པ་བཅས་བྱེད་དཀའ་བ། (ཁག་ 9)
སྒྲིག་འགལ་གནད་དོན། ལུགས་མཐུན་མིན་པའི་ཚད་གཞི་བཟོས་པ་དང་། ཐོ་བཀོད་སུབ་རྒྱུ་ཡི་རེ་ཞུར་དུས་ཐོག་ཏུ་དང་ལེན་མ་བྱས་པ།
དེ་དག་གི་གསལ་ཐོ་གཤམ་གསལ།

6. མོས་མཐུན་ཕྱིར་འཐེན་བྱེད་དཀའ་བ། (ཁག་ 22)
སྒྲིག་འགལ་གནད་དོན། ཆ་འཕྲིན་བསྡུ་རུབ་ལ་མོས་མཐུན་བྱུང་བ་ཕྱིར་འཐེན་བྱེད་པའི་ཐབས་ལམ་སྟབས་བདེ་མཁོ་འདོན་བྱས་མེད་པ།
དེ་དག་གི་གསལ་ཐོ་གཤམ་གསལ།

7. བདེ་འཇགས་དང་དམིགས་བསལ་སྲུང་སྐྱོང་མི་འདང་བ། (ཕྱོགས་བསྡུས་རིགས།)
དེ་དག་གི་གསལ་ཐོ་གཤམ་གསལ།

8. སྒྲིག་འགལ་ཚབས་ཆེན་གཞན་དག (ཕྱོགས་བསྡུས་རིགས།)
དེ་དག་གི་གསལ་ཐོ་གཤམ་གསལ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། ཕུར་བུ་གཡང་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། ལྷ་འབྲུག་ཚེ་རིང་།
ལྟ་སྐུལ་བ། ལྷ་འབྲུག་ཚེ་རིང་།
སྤྱི་ཁྱབ་ལྟ་སྐུལ་བ། ཏཱ་ཀྲུང་ལིའུ།
夜雨聆风
