APPའདི་དག་ལ་ཆད་པ་བཅད་འདུག



ཉེ་ཆར། དྲ་འཕྲིན་ཚན་པའི་ལས་དོན་ཁྲོད་ཤེས་རྟོགས་བྱུང་བར་གཞིགས་ན། ལྗན་དབྱིང་དང་མའོ་ཤང་App ལྗི་རྨེང་AIབཅས་ལ་མི་ཐབས་རིག་ནུས་ལས་གྲུབ་པའི་འདྲེས་སྦྱོར་ནང་དོན་གྱི་མཚོན་རྟགས་གཏན་འབེབས་བླང་བྱ་དོན་འཁྱོལ་ནུས་ལྡན་བྱུང་མེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པས། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་》དང་། 《སྐྱེ་གྲུབ་རྣམ་པའི་མི་བཟོས་རིག་ནུས་ཞབས་ཞུའི་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས་》 《མི་ཐབས་རིག་ནུས་ལས་གྲུབ་པའི་ནང་དོན་མཚོན་རྟགས་ངོས་འཛིན་བྱ་ཐབས་》ཞེས་པ་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ཡོད་པ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཁོངས་གཏོགས་ཁུལ་གྱི་གོང་གསལ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ལ། ཁྲིམས་ལྟར་སྐོང་འདྲི་དང་ཡོ་བསྲང་བྱེད་འགན་དཀྲི་བ། ཐ་ཚིག་སྒྲོག་པ། འགན་འཁྲི་འཁུར་མཁན་ཐག་གཅོད་ནན་པོ་བྱེད་པ་སོགས་ཀྱི་ཐག་གཅོད་ཆད་གཅོད་བྱེད་ཐབས་སྤྱོད་དགོས་པའི་མཛུབ་སྟོན་བྱས་པ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། དྲ་ཚིགས་ལས་སྟེགས་ཀྱིས་བཅའ་ཁྲིམས་ཀྱི་རྩ་དོན་ནན་སྲུང་བྱས་ཏེ་མི་བཟོས་རིག་ནུས་ལས་གྲུབ་པའི་འདྲེས་སྦྱོར་ནང་དོན་མཚོན་རྟགས་ཀྱི་འབྲེལ་ཡོད་གཏན་འབེབས་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། དྲ་འཕྲིན་སྡེ་ཚན་གྱིས་ཁྲིམས་ལྟར་དོ་དམ་དང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་ཐབས་ཀྱི་རིག་ནུས་ལས་གྲུབ་པའི་འདྲེས་སྦྱོར་ནང་དོན་མཚོན་རྟགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ནས་མི་ཐབས་ཀྱི་རིག་ནུས་ལག་རྩལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

བསྐྱར་ཞུས། ཕུན་ཚོགས་སྒྲོལ་མ།
ཞུ་དག། པ་སངས་ཚེ་རིང་།
སྒྲིག་མཁན། ཡེ་ཤེས་མཚམས་ལགས།
སྒྲ་འཇུག། སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།


ཡིག་སྒམ་ཨང་གྲངས།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



夜雨聆风