乐于分享
好东西不私藏

APPའདི་ཕབ་ན་ཧྭ་ཤིས་བོད་ལྗོངས་སྨན་ཁང་གི་ཨང་ཀི་སོགས་བཀག་བདེ་པོ་འདུག

APPའདི་ཕབ་ན་ཧྭ་ཤིས་བོད་ལྗོངས་སྨན་ཁང་གི་ཨང་ཀི་སོགས་བཀག་བདེ་པོ་འདུག

“ཧྭ་དབྱི་ཐུང”APPལ་བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)དངོས་སུ་བཅུག་ཡོད་པས་དྲ་ཐོག་ནས་ཧྭ་ཤིས་བོད་ལྗོངས་སྨན་ཁང་གི་ཨང་ཀི་བཀག་པ་དང་། སྨན་རིན་འཇལ་བ། ནད་གཞི་འདྲི་རྩད་སོགས་བྱེད་ཆོག་པ་མ་ཟད། ཧྭ་ཤིས་སྨན་ཁང་དང་གཅིག་མཚུངས་ཀྱི་བདེ་ཐང་ཞབས་ཞུའང་ལོངས་སྤྱོད་བྱེད་ཆོག

    APPའདིར་ཧྭ་ཤིས་སྨན་ཁང་གི་ཨང་ཀི་བཀག་པ་དང་། སྨན་རིན་འཇལ་བ། ནད་གཞི་འདྲི་རྩད། དྲ་ཐོག་ནས་ནད་གཞི་ལྟ་བ། བདེ་ཐང་དོ་དམ་སོགས་ཀྱི་ཞབས་ཞུ་འདུས་ཡོད་པས། བཀོལ་སྤྱོད་བྱེད་སྟངས་ཞིབ་ཕྲ་གཤམ་གསལ། 

01 “ཧྭ་དབྱི་ཐུང”APPཕབ་སྟེ་ཁ་པར་ཨང་གྲངས་བླུགས་ནས་ཐོ་འགོད་དགོས།

02 བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)གི་པར་རིས་མནན་དགོས།

03 “ཨང་ཀི་བཀག་པ”ཞེས་པ་དེ་མནན་དགོས།

04 དགོས་མཁོ་ལྟར་ཨང་ཀི་བཀག་དགོས།

05 གཤམ་གྱི“མོས་མཐུན”བདམས་རྗེས“གཏན་འཁེལ”ཞེས་པ་མནན་དགོས།

06 སྨན་བཅོས་ཚན་ཁག་འདེམས་དགོས།

07 སྨན་པ་འདེམས་དགོས།

08 སྨན་བཅོས་ཀྱི་དུས་ཚོད་འདེམས་དགོས།

09 ནད་བཅོས་གཱ་ཐོ་འགོད་བྱེད་དགོས།

10 སྨན་བཅོས་དུས་ཚོད་གཏན་འཁེལ་བྱེད་དགོས།

11 “དངུལ་གཏོང་སྤྲོད”ཅེས་པ་མནན་ནས་སྨན་རིན་འཇལ་དགོས།

འཛམ་གླིང་བུམ་པར་ལྟ། སྤོ་ལོའི་ཐ་སྙད་སྦྱོང་།

པཱ་ལགས། ངའི་སེམས་ཀྱི་ཉི་མ།

བོད་ཀྱི་འགོ་ཁྲིད་གསུམ་ཁྲིམས་ལས་འགལ་བས་དམར་འདོན་བྱས་འདུག

རྩོམ་སྒྲིག་པ་གཙོ་བོ།ཟླ་བ་ཚེ་རིང་།
འགན་འཁུར་རྩོམ་སྒྲིག་པ།ཆོས་བཟང་། 
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས། ཕུན་ཚོགས་ཉི་སྒྲོན།