夜雨聆风学习资料网

ARTICLE · 1080336

AIཟློས་གར་ཐད་ལ་འདི་ལྟར་བཤད་འདུག

AIཟློས་གར་ཐད་ལ་འདི་ལྟར་བཤད་འདུག
AIཟློས་གར་དང་འབྲེལ་བ་ཡོད་པ། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རྣམ་འགྱུར་གསར་ཤོས།

རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་རྒྱའི་བརྙན་ལམ་ལེ་ཚན་དོ་དམ་སིའི་སི་ཀྲང་ཝང་ཞའོ་ལེའང་གིས་ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་“‘ལོ་ལྔ་བཅོ་’འགོ་ཚུགས་པའི་”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་ཟློས་གར་ཐུང་གྲས་ཁྲི་43བཏོན་པ་དེ་ན་ནིང་ལོ་ཧྲིལ་པོའི་ལྡབ་13ཡིན་པ་དང་། དེའི་ནང་AIཟློས་གར་བཅུ་ཆ་དགུ་ལས་བརྒལ་བ་དང་། AIལག་རྩལ་གྱིས་ཟློས་གར་ཐུང་གྲས་ཀྱི་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་གསར་གཏོད་མཚོན་པར་བར་སྟོང་གསར་པ་བཏོད་པ་དང་ཆབས་ཅིག་ཁེ་དབང་སྲུང་སྐྱོང་དང་ནང་དོན་གྱི་སྤུས་ཚད་སོགས་པའི་འགྲན་སློང་གསར་པའང་འཕྲད་ཡོད་པ་རེད།

མི་ངོ་མའི་ཟློས་གར་ནི་སྤུས་ལེགས་གསར་རྩོམ་གྱི་གཙོ་ཤུགས་ཡིན་པས་རོགས་སྐྱོར་ཤུགས་ཆེན་བྱེད་དགོས། “ཟློས་གར་ཐུང་གྲས་ཀྱི་སྤུས་ལེགས་གསར་རྩོམ་བརྒྱུད་སྤེལ་གྱི་འཆར་གཞི་”ལག་བསྟར་གཏིང་ཟབ་བྱས་ནས་ལས་སྟེགས་ལ་“མི་ངོ་མའི་ཟློས་གར་”ཆེད་ཁུལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་ཏེ་དངུལ་སྨར་དངོས་སུ་བཏོན་ནས་རོགས་སྐྱོར་བྱས་ཏེ་བརྩམས་ཆོས་བཟང་པོར་ཁྲོམ་ར་ཡོད་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།

AIཟློས་གར་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་དང་བསྡུར་ཚད་ཧ་ཅང་ཆེན་པོ་ཡོད་པས་གསར་གཏོད་ལ་སྐུལ་ལྕག་དང་མཐའ་ཚད་བརྟན་སྲུང་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་AIཟློས་གར་ལ་ནང་དོན་གསལ་པོར་བཀོད་དེ་ལས་སྟེགས་ཀྱི་བརྙན་པར་ནན་སྲུང་དང་སྐད་སྒྲའི་དབང་སྤྲོད་མཐའ་ཚད་ལ་སྐུལ་འདེད་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་འགག་སྒོ་སྲུང་དགོས་པའི་བླང་བྱ་བཏོན་ཡོད། མཐར་གཏུགས་ནས་བཤད་ན། AIནི་ལག་ཆ་ཡིན་པ་དང་། མི་ནི་གསར་རྩོམ་གྱི་བྱེད་པོ་ཡིན། AIཟློས་གར་འཕེལ་རྒྱས་ཇི་ཙམ་མགྱོགས་ན་ནང་དོན་དེ་ཙམ་གྱིས་ལེགས་པོར་སྲུང་དགོས། 

འདི་ལོ་ནས་བཟུང་གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐ་ཤལ་གནོད་ཡོད་དང་། བྱིས་པར་བསྟན་ན་མི་འཚམ་པ། པར་དབང་བརྐུས་ནས་དབང་ཆར་གནོད་ཚུལ་བཅས་ཀྱི་ནང་དོན་བཅོས་སྐྱོང་གི་གཙོ་གནད་དུ་བརྩིས་ནས་དྲ་ཐོག་ཡོངས་སུ་སྒྲིག་འགལ་གྱི་ཟློས་གར་ཐུང་གྲས་ཁྲི་6.8དོར་འཇོག་བྱས་ཡོད་པ་རེད། ནང་དོན་གྱི་འགག་སྒོ་དམ་འཛིན་ཡག་པོ་བྱེད་པར་ལས་སྟེགས་ལ་བྱེད་པོའི་འགན་འཁྲི་ཡོད་པས་རྒྱུན་མཐུད་དེ་གནོན་ཤུགས་ནན་དུ་བཏང་ནས་ལས་རིགས་ཀྱི་སྣོད་བཅུད་གཙང་བཟོ་ཤུགས་ཆེན་བྱེད་དགོས།

འགན་ཁུར་ཞུ་དག  སྤེན་པ་དོན་གྲུབ།

 ཞུ་དག  མིག་དམར་ཚེ་རིང་།

 རྩོམ་སྒྲིག  པ་སངས་ཕན་ཐོགས།

ཡོང་ཁུངས། མི་དམངས་དྲ་འཕྲིན།

རྩོམ་ཡིག་སྐུར་སའི་ཡིག་སྒམ།  jzrmxwz@126.com

相关学习资料